Бүлэг 5 / 6
Төгсгөл
ཤཱ་རིའི་བུ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །
Шарийн хүү, бодьсадва махасадва нар тийнхүү билгийн чанадад хүрсний гүнд суралцах болой."
དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ་རིགས་ཀྱི་བུ་དེ་དེ་བཞིན་ནོ། རིགས་ཀྱི་བུ། ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ༌། །
Тэгэхэд Ялгуусан Тэгс Нөгчсөн тэр самадиас босож, бодьсадва махасадва Хутагт Жанрайсиг Эрхтэд "Сайн" хэмээн айлдаад: "Сайн, сайн. Язгуурын хүү, тэр тийм болой. Язгуурын хүү, тэр яг тийм болой. Чиний үзүүлсэн ёсоор билгийн чанадад хүрсний гүнийг явуулах хэрэгтэй. Түүнчлэн ирсэн (Татагата) нар ч дагаж баясмуй" хэмээн айлдав.
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །
Ялгуусан Тэгс Нөгчсөн ийнхүү зарлиг болсонд насан төгөлдөр Шаридвадийн хүү, бодьсадва махасадва Хутагт Жанрайсиг Эрхэт, хамаг төгөлдөр тэр нөхөд, тэнгэр, хүн, асури, гандарвын хамт ертөнц баясаж, Ялгуусан Тэгс Нөгчсөний айлдсаныг илтэд магтав.
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ།། །།(འདི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཛད)
Хутагт Билгийн чанадад хүрсний зүрх төгсөв.(Үүнийг Ялгуусан Тэгс Нөгчсөн Шагжамүни айлдсан болой.)