Бүлэг 4 / 6
Үр ба тарни
ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་ཅིང་སྐྲག་པ་མེད་དོ། ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །
Шарийн хүү, тиймийн тул бодьсадва нар олох үгүйн тул билгийн чанадад хүрсэнд түшиж оршин, сэтгэлд түйтгэр үгүй, айх үгүй болой. Буруу үзлээс туйлаас хэтэрч, гашуудлаас нөгчсөний (нирваны) эцэст хүрмүй. Гурван цагт тийн оршигч хамаг бурхад ч билгийн чанадад хүрсэнд түшиж, дээдээс дээгүүр үнэн төгс бодь хутгийг илт төгс бурхан болгон олсон болой.
དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། སྨྲས་པ།
Тиймийн тул билгийн чанадад хүрсний тарни, их ухааны тарни, дээдээс дээгүүр тарни, адилгүйтэй адил тарни, хамаг зовлонг туйлаас амирлуулагч тарни нь худал бус тул үнэн хэмээн мэдэгтүн. Билгийн чанадад хүрсний тарнийг өгүүлэвээс:
ཏདྱ་ཐཱ།ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ།
ТАДЯАТАА ГАТЭ ГАТЭ ПААРАГАТЭ ПААРАСАМГАТЭ БОДИ СВААХАА