Бүлэг 1 / 6
Мөргөл ба тангараг
ལམ་གཙོ་རྣམ་གསུམ།
རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །
Хүндэт дээд лам нарт мөргөмүй.
རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །
Ялгуусны хамаг зарлигийн зүрхэн утга,Ялгуусны дээд хөвгүүдийн магтсан мөр,Хувь төгөлдөр, гэтлэхийг хүсэгчдийн орох боомт тэрхүүгЧадах ёсоороо би номлосугай.
གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །
Хэн оршихуйн жаргалд эс шунаж,Чөлөө хувийг утга төгөлдөр болгохын тулд хичээн,Ялгуусны таалсан мөрд сэтгэлээр найдагчХувь төгөлдөр та нар сүсэгт сэтгэлээр сонсогтун.