Бүлэг 1 / 3

Уламжлалын лам нар

བླ་རྒྱུད་གསོལ་འདེབས་མཁྱེན་སྲིད་མ།

ན་མོ་གུ་རུ།
НАМО ГУРУ.
མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང༌། །ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །
Мэдлэгээр оршихуйн хүлээсийг эцэслэж,Энэрлээр амирлалд баясахыг холоос орхисон,Оршихуй амирлалын хязгаарт үл оршигч, оршихуй амирлалын итгэл —Ялгуусан Очирдарад залбирмуй.
རབ་འབྱམས་ཞིང་གི་རྡུལ་སྙེད་ལས་འདས་པའི། །གྲངས་མེད་རྒྱལ་བ་རྣམས་ཀྱི་མཁྱེན་པའི་གཏེར། །མཐའ་ཡས་གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ། །མགོན་པོ་འཇམ་དཔའི་དབྱངས་ལ་གསོལ་བ་འདེབས། །
Өргөн уудам орны тоосны тооноос хэтэрсэнТоолшгүй ялгуусны мэдлэгийн сан,Хязгааргүйг нэгэнд хураасан билэг оюуны бие —Итгэл Манзуширт залбирмуй.
རླབས་ཆེན་སྨོན་ལམ་རིང་ནས་བཏབ་པའི་མཐུས། །རྗེ་བཙུན་འཇམ་དབྱངས་ཉིད་ཀྱིས་མངོན་སུམ་དུ། །ཐེ་ཚོམ་དྲ་བ་མཐའ་དག་བསལ་གྱུར་བ། །དཔའ་བོ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །
Их долгионт ерөөлийг эртнээс тавьсны хүчээрХүндэт Манзушир Өөрөө илтээрЭргэлзээний торыг бүгдийг арилгасанБаатар Очирын хөлд залбирмуй.
བདེན་གཉིས་གནས་ཚུལ་རིགས་པས་ལེགས་རྟོགས་ཤིང༌། །ཐབས་ཤེས་ཟུང་འབྲེལ་ཉམས་སུ་བླངས་པའི་མཐུས། །སྐུ་གསུམ་མངོན་དུ་གྱུར་པའི་ཙོང་ཁ་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །
Хоёр үнэний оршихуйн ёсыг учир шалтгаанаар сайтар онож,Арга билгийн хослолыг бясалгасны хүчээрГурван биеийг илэрхийлсэн Зонхов —Цогт ламын хөлд залбирмуй.
བདེ་གཤེགས་གསུང་རབ་ནགས་ཀྱི་ཚལ་ལ་གནས། །འབུམ་ཕྲག་གཞུང་གི་རལ་པའི་ཚོགས་ཀྱིས་བརྗིད། །ལེགས་ལམ་སྨྲ་བའི་སེང་གེ་དགེ་འདུན་གྲུབ། །འཛམ་གླིང་མཁས་པའི་ཞབས་ལ་གསོལ་བ་འདེབས། །
Сайтар одсоны зарлигийн ойн төгөлд оршиж,Бумбум судрын үсний чуулганаар сүрлэг,Сайн мөрийг номлогч арслан Гэндэндүв —Замбутивийн мэргэдийн хөлд залбирмуй.