Бүлэг 5 / 5

Ерөөл

དེང་ནས་བྱང་ཆུབ་སྙིང་པོར་བདུད་སྡེ་ལས། །ཇི་སྲིད་རྒྱལ་བར་མ་གྱུར་དེ་སྲིད་དུ། །སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་ངོམས་པ་མེད་པར་ཤོག །
Өнөөдрөөс эхлэн бодийн зүрхэнд шулмын цэргээсЯлах хүртэл тэр хэр зэрэгтТөрөл бүрт Та дагаж барьж,Зарлигийн рашаанд ханашгүй ханах болтугай.
དེ་བཞིན་གཤེགས་པ་ཁྱེད་སྐུ་ཇི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
Түүнчлэн ирсэн Таны бие ямар,Нөхөд, насны хэмжээ, орон ямар,Таны дээд сайн нэр ямар,Тийм л болж би болон бусад болох болтугай.
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །
Танд магтаж залбирсны хүчээрБидний оршсон газар орон тэндӨвчин, ядуурал, тэмцэл хэрүүл амирлаж,Ном ба өлзий дэлгэрүүлэн соёрх.
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་ལྟར། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག
Багш ертөнцөд залран ирсэн мэтШашин нарны гэрэл мэт тодорч,Шашин баригчид ах дүүс мэт эвтэй байж,Шашин удаан орших өлзий болтугай.
(འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའོ)
(Үүнийг Жэ Зонхов Лувсандагва зохиосон болой.)