Бүлэг 5 / 5

Төгсгөлийн ерөөл

མདོར་ན་བདག་སོགས་སྐྱེ་བ་ཐམས་ཅད་དུ། །གསུང་རབ་རྒྱ་མཚོའི་ཚོགས་ལ་རྟེན་བྱེད་ཅིང༌། །འགྲོ་ལ་འདོད་དགུ་མ་ལུས་འབྱུང་པའི་གནས། །ཡིད་བཞིན་ནོར་བུར་གྱུར་ཅིག་འཇམ་པའི་དབྱངས། །
Товчоор, би болон бусад төрөл бүгдэдЗарлигийн далайн цогт түшиж,Амьтанд хүсэл бүгдийг үлдэлгүй бүтээх орон —Чандмань эрдэнэ болох болтугай, Манзушир.
འཇམ་དབྱངས་ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །ཚོགས་གཉིས་རྣམ་པར་དག་པའི་གྲུ་ཆེན་གྱིས། །འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བ་ལ། །བདག་ཀྱང་ཁྱེད་བཞིན་གྱུར་ཅིག་འཇམ་པའི་དབྱངས། །
Манзушир Танд залбирсны хүчээрХоёр цогоор тийн ариусан их онгоцоорАмьтныг оршихуйн далайгаас гэтэлгэхэдБи ч Тан лугаа адил болох болтугай, Манзушир.
དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་འཇམ་དབྱངས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་བཀོད་པར་ཤོག །
Энэ буянаар түргэн биХүндэт Манзуширыг бүтээж,Нэг ч амьтныг үлдээлгүйТүүний газарт тавих болтугай.
བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །
Энэрэлт Таны мэдлэгийн гэрлийн туяагаарМиний оюуны мунхгийн харанхуйг туйлаас арилгаж,Зарлиг ба шастирын судар ёсыг онохОюун, зоримог ухааны гэгээг хайрлан соёрх.
གང་ཚེ་བལྟ་བར་འདོད་བ་འམ། །ཅུང་ཟད་དྲི་བར་འདོད་ན་ཡང༌། །མགོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །།
Хэзээ үзэхийг хүсэх буюуБага зэрэг асуухыг хүсвээс чИтгэл Манзушир ТаныгСаадгүйгээр үзэх болтугай.