Бүлэг 8 / 8

Дэлгэрэнгүй ерөөл

Дэлгэрэнгүй ерөөл — хүсвэл

དགའ་ལྡན་ལྷ་བརྒྱ་མ་འདི་ཉིད་ཀྱི་སྨོན་ལམ་རྒྱས་པར་སྤྲོ་ན།དེ་ལྟར་དངོས་གྲུབ་མ་ལུས་འབྱུང་བའི་གནས། །རྗེ་བཙུན་བླ་མ་མཆོད་ཅིང་གསོལ་བཏབ་མཐུས། །སྐྱེ་བ་ཀུན་ཏུ་འཇམ་དབྱངས་བླ་མ་ཡིས། །མཉེས་བཞིན་རྗེས་སུ་འཛིན་པ་ཉིད་གྱུར་ཅིག །
Тийнхүү шид бүгдийн үүсэх оронХүндэт ламд тахиж залбирсны хүчээрТөрөл бүрт Манзушир ламТаалан дагаж барих болтугай.
རིན་ཆེན་དུ་མ་ལས་གྲུབ་དགའ་ལྡན་ཞིང༌། །ངོ་མཚར་བྱེ་བའི་དབུས་ན་མི་ཕམ་མགོན། །ལེགས་པར་བསྒོམས་པས་རྣམ་དག་ཞིང་འགྲུབ་ཅིང༌། །ཚེ་འཕོས་མོད་ལ་གནས་དེ་སྐྱེ་བར་ཤོག །
Олон эрдэнээс бүтсэн Тушитын орондГайхамшгийн бумын дунд Майдар итгэлийгСайтар бясалгаснаар ариун орон бүтэж,Нас шилжмэгц тэр оронд төрөх болтугай.
རྗེ་བཙུན་ཐུགས་ཀ་ནས་འཕྲོས་སྤྲིན་དཀར་ཡུག །བརྐྱང་བའི་སྣེ་མོར་བླ་མ་སྲས་དང་བཅས། །སྤྱན་དྲངས་ཡན་ལག་བདུན་གྱིས་ཚོགས་བསགས་པས། །བདག་རྒྱུད་བདེ་བླག་ཉིད་དུ་སྨིན་པར་ཤོག །
Хүндэтний зүрхнээс цацарсан цагаан үүлний ороолтСунгасны үзүүрээр ламыг хөвгүүдийн хамтЗалж, долоон гишүүнээр цогийг хурааснаарМиний сэтгэл амар хялбараар боловсрох болтугай.
དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་རྣམས། །ཟུང་འཇུག་སྤྲུལ་སྐུར་ཤར་བའི་རྣམ་འདྲེན་གང༌། །རིགས་གསུམ་ངོ་བོར་ཐག་གཅད་གསོལ་བཏབ་མཐུས། །མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་ཐོབ་ཤོག །
Гурван цагийн ялгуусны мэдлэг, энэрэл, чадал бүгдХослолын хувилгаан бие болж мандсан удирдагчийгГурван язгуурын мөн чанар хэмээн шийдэн залбирсны хүчээрДээд ба энгийн шидийг үлдэлгүй түргэн олох болтугай.
ཁྱད་པར་དག་པ་ཡེ་ཤེས་བདུད་རྩིའི་ཆུས། །སྒོ་གསུམ་སྡིག་སྒྲིབ་མི་ཤེས་ཀུན་འཁྲུད་ཅིང༌།འཆད་རྩོད་རྩོམ་སོགས་མཐའ་ཡས་ཤེས་བྱ་ལ། །བློ་གྲོས་མགོན་པོ་འཇམ་དབྱངས་མཚུངས་པར་ཤོག །
Ялангуяа ариун билэг оюуны рашаан усаарГурван үүдний нүгэл түйтгэр, мунхгийг бүгдийг угааж,Номлох, мэтгэх, зохиох зэрэг хязгааргүй мэдэхүйдОюуны итгэл Манзуширтай адил болох болтугай.
བྱང་ཤར་ངོ་མཚར་རྨད་བྱུང་བཀོད་པའི་ཞིང༌། །རྣམ་འདྲེན་སེང་གེའི་ང་རོའི་ཞབས་དྲུང་དུ། །འཁོར་གྱི་ཐོག་མར་སྐྱེས་ནས་མདོ་སྔགས་ལ། །ཐོས་བསམ་སྒོམ་པས་རྟག་ཏུ་འདའ་བར་ཤོག །
Зүүн хойд зүгийн гайхамшигт сүр жавхлант орондУдирдагч Арслангийн дууны (Симханада) хөлийн дэргэдНөхдийн тэргүүнд төрж, сутра тарнийгСонсох, бодох, бясалгахаар үргэлж өнгөрүүлэх болтугай.
མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །རྗེ་བཙུན་བློ་བཟང་གྲགས་པ་ཡབ་སྲས་དང༌། །མི་འབྲལ་རྒྱལ་བའི་ཆོས་ཚུལ་ཀུན་བཟང་ནས། །བསྟན་དང་འགྲོ་བའི་དོན་ཆེན་ལྷུར་ལེན་ཤོག །
Товчоор, төрөл бүхэндХүндэт Лувсандагва эцэг хөвгүүдээсҮл хагацан, ялгуусны номын ёс бүгдээр сайн болж,Шашин ба амьтны их тусыг эрхэмлэх болтугай.
ཅེས་སོགས་བསྔོ་སྨོན་དང་ཤེས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །
(Ийнхүү зэрэг зориулал, ерөөл, өлзийтэй үгээр төгсгөлийг чимнэ.)
དེ་ལྟར་དགའ་ལྡན་ལྷ་བརྒྱ་མའི་རྣལ་འབྱོར་འདི་ལ་འདོན་ཚུལ་ཕྱག་ལེན་རྒྱས་བསྡུས་དང༌། མན་ངག་གི་རིམ་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། འདི་ནི་དཔལ་དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་བསྡུས་པའི་འདོན་ལུགས་ཀུན་གཟིགས་༧རྒྱལ་བའི་དབང་པོ་བསྐལ་བཟང་རྒྱ་མཚོའི་གསུང་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་གི་དགོངས་པ་དང༌། ། ཕྱག་ལེན་ཇི་ལྟ་བ་བཞིན་བསྒྲིགས་པའོ།།
Тийнхүү Гандан лхажамаагийн энэ йогт уншлагын ёс, практикийн дэлгэрэнгүй, товч хийгээд хязгааргүй олон зааврын зэрэг буйгаас, үүнийг Энсагийн чихний уламжлалын ламын йогийг товчилсон уншлагын ёс, хамгийг үзэгч ялгуусны эзэн Галсанжамцын айлдсан "Шид бүгдийн үүсэх орон" хэмээх зааврын санаа хийгээд практикийн ёсоор эмхэтгэсэн болой.

༄༅། །རྫོགས་སོ། །

Төгсөв

Ламын йог — бүх бичвэр