Бүлэг 5 / 8
Мөрийн зэргийн залбирал I
Мөрийн зэргийн залбирал
ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །
Хамаг эрдмийн суурь болсон ачит эзнийгЁсоор шүтэх нь мөрийн үндэс хэмээнСайтар үзээд олон хичээлээрИх хүндэтгэлээр шүтэхээр адислан соёрх.
ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །
Ганц удаа олдсон чөлөөт сайн шүтээн энэТуйлаас олдохуйяа бэрх, их утгатайг мэдэж,Өдөр шөнө ямагт зүрхэн утгыг авах оюунТасралтгүй төрөхөөр адислан соёрх.
ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །
Бие амь усны хөөс мэт хөдөлгөөнтэй,Түргэн эвдрэх үхлийг санах хийгээд,Үхсэний хойно бие сүүдэр мэтЦагаан хар үйлийн үр дагадагт
ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །
Бат итгэл олоод гэмийн цогийгНарийн, нарийн нь хүртэл тэвчих хийгээд,Буяны цогийг бүгдийг бүтээхэдҮргэлж болгоомжтой байхаар адислан соёрх.
སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས། །
Эдэлсээр ханашгүй, хамаг зовлонгийн үүд,Итгэж болшгүй оршихуйн төгс цогийнГэмийг ухаарч, гэтлэхийн жаргалдИх эрмэлзэл төрөхөөр адислан соёрх.
རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོར་ཐར་པ་ལ། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །
Ариун тэр сэтгэлээр хөтлөгдсөнДурдахуй, сэрэмж, их болгоомжоорШашны үндэс тус тусын гэтлэх санвартБүтээлийг зүрхэн болгохоор адислан соёрх.
རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །
Өөрөө оршихуйн далайд унасан ёсоорЭх болсон хамаг амьтан ч мөн тийм болохыгҮзээд амьтныг гэтэлгэх ачааг үүрэхДээд бодь сэтгэлд дадахаар адислан соёрх.