Бүлэг 1 / 6

Оршил

ཤེས་རབ་སྙིང་པོ།

རྒྱ་གར་སྐད་དུ།བྷ་ག་ཝ་ཏེ་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ།བོད་སྐད་དུ།བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པའི་སྙིང་པོ།བམ་པོ་གཅིག་གོ །
Энэтхэгийн хэлээр: Бхагавати Праджняапаарамитаа Хридая.Төвдийн хэлээр: Чомдэндэма Шэраб кьи пароль чинпэй ньинбо.Монголоор: Ялгуусан Тэгс Нөгчсөн эх Билгийн чанадад хүрсний зүрх.Нэгэн боть болой.
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །
Ингэж миний сонссон нэгэн цагт: Ялгуусан Тэгс Нөгчсөн Бурхан Раджагриха хааны хотын Тас шувууны оргил ууланд гэлэнгийн их хуврагийн чуулган ба бодьсадвын их чуулгантай хамт сууж байв. Тэр цагт Ялгуусан Тэгс Нөгчсөн "Гүнзгий гэгээрэл" хэмээх номын зүйлийн самадид шингэн орсон байв.
ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང༌། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །
Мөн тэр цагт бодьсадва махасадва Хутагт Жанрайсиг Эрхэт билгийн чанадад хүрсний гүн явдлыг тийн үзэж, таван цогцыг ч мөн чанараараа хоосон хэмээн тийн үзэж байв.