Бүлэг 2 / 4
Шашны онцлог
མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང༌། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
Олныг сонсож өргөн уудмаар эрснээр мэргэн,Сонссон утгыг ёсоор сэтгэлдээ хэрэглэснээр номхон,Бүгдийг шашин, амьтны тусад зориулснаар сайнЛувсан ялгуусны шашин дэлгэрэх болтугай.
དྲང་ངེས་གསུང་རབ་མ་ལུས་འགལ་མེད་དུ། །གང་ཟག་གཅིག་གི་ཉམས་ལེན་གདམས་པ་རུ། །ངེས་པ་རྙེད་པས་ཉེས་སྤྱོད་མཐའ་དག་འགག །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
Шилжүүлэх ба шууд утгат зарлиг бүгдийг харшилгүйгээрНэг хүний бясалгалын заавар болгонИтгэл олсноор буруу явдал бүгд тасарсанЛувсан ялгуусны шашин дэлгэрэх болтугай.
ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། །རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང༌། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
Эшийн ном — гурван аймгийн номлол, сонсгол,Онолын шашин — гурван суралцахуйн бясалгал,Мэргэн хийгээд бүтсэн намтар нь гайхамшигтайЛувсан ялгуусны шашин дэлгэрэх болтугай.
ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
Гадна нь шраваг хөлгөний явдлаар амирлангуй номхон,Дотор нь хоёр зэргийн йогийн итгэл төгөлдөр,Сутра, тарнийн сайн мөрийг харшилгүй нөхөрлөн авч явааЛувсан ялгуусны шашин дэлгэрэх болтугай.