Бүлэг 1 / 3
Мөргөл
སྒྲོལ་དཀར་བསྟོད་པ།
ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་ཏཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །
ОМ Сансараас гэтэлгэгч ТАРЭ эх,ТУТТАРА-аар найман аюулаас гэтэлгэгч,ТУРЭ-гээр өвчин бүгдээс гэтэлгэгчДарь эх ээжид мөргөмүй.
པདྨ་དཀར་པོའི་དབུས་གནས་པའི། །ཟླ་བ་ཡི་ནི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །
Цагаан бадмын дунд оршсонСарны суудал дээрОчир завилгаар заларсанДээд хишгийг өгөгч эхэд мөргөмүй.
སྟོན་ཀའི་ཟླ་བའི་མདངས་དང་ལྡན། །ཟླ་བ་ཡི་ནི་རྒྱབ་ཡོལ་ཅན། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀྲ། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །
Намрын сарны гэрэл гэгээтэй,Сарны түшлэгтэй,Олон янзын чимгээр тийн гоёсон,Утпала цэцэг барьсан эхэд мөргөмүй.
བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་དེ་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །
Арван зургаан насны биетэй,Хамаг төгс бурхан Таны хөвгүүд,Хүслийг хангагч тэр биеийг баригч эх —Хутагт Дарь эхэд мөргөмүй.
འཁོར་ལོ་དཀར་པོ་འོད་ཟེར་འབར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །
Цагаан хүрд гэрлийн туяа бадарч,Найман хигээст найман үсэгТойрон хүрээлсэн дүрстэйХүрдтэй эхэд мөргөмүй.